EVENT

ཨ་རིར་གནས་བཞུགས་རང་ཅག་གཡུང་དྲུང་བོན་གྱི་ལྷ་སྡེ་མི་མང་ཡོངས་ཀྱི་དྲུང་དུ། 

Empowerments for the Tibetan Community

ཆེད་ཞུ། 

མཁྱེན་གསལ་ལྟར་༧དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་མཁན་ཆེན་ཁྲི་འཛིན་༣༤་པ་ཆེན་པོ་མཆོག་ཉིད་འདི་ག་ཨ་རི་བོན་གཤེན་གླིང་དུ་བཞུགས་སུ་གསོལ་བའི་དུས་བཟང་ཁྱད་པར་ཅན་གྱི་སྐབས་འདིར། རང་ཅག་རྣམས་ཀྱི་མི་མཐུན་འགལ་རྐྱེན་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཚེ་དང་བསོད་ནམས་རྒྱས་པའི་ཆེད་བཀའ་དབང་ཟབ་མོ་དང་བོན་སྤྱོད་དགེ་བའི་ལམ་སྟོན་རྒྱ་ཆེར་ཡོང་བའི་སྐྱབས་འཇུག་ཞུས་དོན་བཞིན་ཞལ་བཞེས་བཀའ་དྲིན་བླ་མེད་ཐོབ་པར་བརྟེན།

ད་ལམ་ཕྱི་ཟླ་10 ཚེས་ 23 རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་Woodside དགོན་པ་རུ།

གཡུང་དྲུང་ཚེ་ཡི་ལྷ་མཆོག་ཚེ་དབང་བྱ་རི་མའི་་བཀའ་དབང་དང་།

ཕྱི་ཟླ་ 12 ཚེས་ 11 རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་

སྒྲིབ་སྦྱང་དུ་ཏྲི་སུ་ཡི་བཀའ་དབང་གོ་སྒྲིག་ཞུས་ཡོད་ལགས་ན་དེ་བཞིན་དད་ལྡན་མི་མང་རྣམས་woodside དགོན་པ་རུ་དུས་ཐོག་ཏུ་ཕེབས་ལམ་ཡོང་བར་ཞུ། 

ཞྭ་དཀར་བོན་གཤེན་གླིང་ནས།

Bön Shen Ling is very happy to announce that His Holiness the 34th Gyalwa Menri will offer empowerments at Woodside Temple for the Tibetan community. These teachings will be offered in Tibetan language only.

  • On Sunday, October 23 at 2pm, His Holiness the 34th will give a Tsedup Long Life Empowerment on at Bön Shen Ling’s Woodside Temple.
  • On Sunday, December 11 at 2pm, His Holiness 34th will give a Dhu Tri Su Empowerment at Woodside temple.

While these teachings are offered primarily to the Tibetan community, advanced Bön Practitioners, Tsedup healers and Ngongdro practitioner, are welcome. However, these events will be held in Tibetan language only.

Email events@bonshenling.org for more information.

Events

Donation

Chongtul Rinpoche resides and teaches in NY, splitting his time between the temple in Woodside, Queens, NY and the temple/retreat center in Warwick, NY.

Blog at WordPress.com.